6. 时间

སློབ་ཚན་དྲུག་པ། 第六课
༼ དུས་ཚོད།༽ 〈时间〉

༡༽ ད་ལྟ་ཆུ་ཚོད་ག་ཚོད་རེད།
1.现在几点了?
༢༽ ཆུ་ཚོད་བརྒྱད་པ་ཡོལ་ནས་སྐར་མ་བཅུ་རེད་བཞག
2.八点过十分。
༣༽ ངའི་ཆུ་ཚོད་ད་ལྟ་བཅུ་པ་ཏག་ཏག་རེད་བཞག
3.我的表现在十点整。
༤༽ ཁྱེད་ཚོའི་ཕ་གིར་སྔ་དྲོ་ཆུ་ཚོད་ག་ཚོད་ལ་ལས་ཀར་འགྲོ་དགོས་རེད།
4.你们那里上午几点钟上班?
༥༽ ང་ཚོའི་སར་སྔ་དྲོ་ཆུ་ཚོད་དགུ་པར་ལས་ཀར་འགྲོ་དགོས་རེད།
5.我们那里上午九点钟上班。
༦༽ འོ་ན་ཉིན་དགུང་ཁ་ལག་ཆུ་ཚོད་ག་ཚོད་ལ་ཟ་གི་ཡོད།
6.那么几点钟吃午饭?
༧༽ ཉིན་དགུང་ཁ་ལག་ཆུ་ཚོད་དང་པོར་ཟ་གི་ཡོད།
7.一点钟吃午饭。
༨༽ དགོང་མོར་དུས་ཚོད་ཡོད་པས།
8.晚上您有空吗?
༩༽ ཁྱེད་རང་གིས་དུས་ཡུན་རིང་ལོས་བསྒུགས་པ།
9.您等了多长时间了?
༡༠༽ ང་ཚོའི་འདིར་སྤྱིར་བཏང་ཞོགས་པའི་ཆུ་ཚོད་བརྒྱད་པར་གཞི་ནས་ནམ་ལངས་ཀྱི་ཡོད་རེད།
10.我们这里一般早上八点钟才天亮。