10 夏天牧區情形如何?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བཅུ་པ། 第十課
༼དབྱར་ཁ་འབྲོག་ཁུལ་ལ་གང་འདྲས་ཡོད་རེད།༽
〈夏天牧區情形如何?〉
ཀ་པ། ཁྱེད་རང་ཚོ་ས་གནས་ག་ནས་ཕེབས་པ་ཡིན།
甲:你們是從什麼地方來的?
ཁ་བ། ང་ཚོ་ས་གནས་གཅིག་ནས་ཡོང་བ་མ་རེད།
甲:你們是從什麼地方來的?
ཁ་བ། ང་ཚོ་ས་གནས་གཅིག་ནས་ཡོང་བ་མ་རེད།
我們都是從四面八方而來,齊聚在此地。
ཀ་པ། ཁྱེད་རང་ཚོ་སྔོན་མ་བོད་ལ་ཕེབས་མྱོང་ངས།
甲:你們以前曾經到過西藏嗎?
ཁ་བ། ང་ཚོ་མང་ཆེ་བ་བོད་ལ་ཡོང་མྱོང་།
乙:我們大多曾經來過西藏。
ཀ་པ། ཁྱེད་རང་བོད་ཀྱི་ས་ཆ་ག་པར་ག་པར་ཕེབས་མྱོང་།
甲:你曾經到過西藏哪些地方?
ཁ་བ། ང་གཞིས་ཀ་རྩེ་དང་། རྒྱལ་རྩེ།
乙:我曾經去過日喀則、江孜,
ལྷོ་ཁ། ལྷ་ས་ཅི་དག་ལ་འགྲོ་མྱོང་།
以及山南、拉薩…等地。
ང་ད་ལོ་ཡོང་དུས་མངའ་རིས་ནས་སློབ་གྲྭར་ཡོང་བ་ཡིན།
我今年來的時候,就是從阿里而來到學校。
ཀ་པ། ནག་ཆུར་ཕེབས་མྱོང་ཡོད་པ་སུ་སུ་ཡོད།
我今年來的時候,就是從阿里而來到學校。
ཀ་པ། ནག་ཆུར་ཕེབས་མྱོང་ཡོད་པ་སུ་སུ་ཡོད།
乙:我們倆曾經去過。我固然是去過那曲,
ཡིན་ནའི་ཉི་མ་མང་པོ་སྡོད་མ་མྱོང་།
但是沒有待很多天。
ཁོང་ནག་ཆུར་རྒྱུན་རིང་པོ་སྡོད་མྱོང་།
但是沒有待很多天。
ཁོང་ནག་ཆུར་རྒྱུན་རིང་པོ་སྡོད་མྱོང་།
甲:曾經看過牧民接生牲畜嗎?
ག་བ། མཐོང་མྱོང་། ཕྱུགས་ཟོག་སྐྱེ་བསུ་བྱེད་དུས།
丙:曾經看過。接生牲畜的時候,
འབྲོག་ལས་བྲེལ་བ་ཚ་ཤོས་ཅིག་རེེད།
是畜牧業最忙碌的一個時刻。
འབྲི་ལ་བེའུ་སྐྱེ་གི་རེད། མ་མོར་ལུ་གུ་སྐྱེ་གི་རེད།
母犛牛生小牛犢,母綿羊生小綿羊羔,
ར་མར་རེའུ་སྐྱེ་གི་རེད།
母山羊生小山羊羔。
རྫི་བོར་ཉལ་ཡག་ཞེ་དྲགས་ཡོད་མ་རེད།
放牧人幾乎沒有時間可睡覺。
ཁ་བ། རེད་དཱ། ཕྱུགས་ཟོག་ལ་འགན་འཁུར་ཆེ་བའི་འབྲོག་པ་ཚོས།
乙:是的。對牲畜責任較重的牧民們,
མ་ཉལ་བ་བྱས་ནས་ཕྱུགས་ཟོག་ལ་སྐོར་ར་རྒྱག་གིན་བསྡད་དགོས་རེད།
必須不眠不休地圍繞在牲畜的周圍。
ཀ་པ། དབྱར་ཁ་འབྲོག་ཁུལ་གང་འདྲས་ཡོད་རེད།
甲:夏天牧區的情形如何?
ཁ་བ། ང་དབྱར་དུས་གཅིག་འབྲོག་པའི་འཁྲིས་ལ་སྡོད་མྱོང་།
乙:我有一個夏季待在牧民的身邊,
ཞོ་དང་འོ་མ་འབལ་པོ་ཡོད་པ་མ་ཟད།
不只有豐盛的酸奶和牛奶,
ད་དུང་མར་དང་ཕྱུ་ར་ཡང་མང་པོ་ཡོད་རེད།
還有很多酥油和乾酪。
ག་བ། དབྱར་ཁ་སྤང་ཚང་མ་སྔོ་ཐིང་ཐིང་། མེ་ཏོག་ཁྲ་ཆེམ་ཆེམ།
丙:夏天整片草地綠油油,花朵繽紛燦爛。
གཡག་ནོར་ལུག་གིས་རྩྭ་ཐང་ལ་ཁེངས་ནས་བསྡད་གི་རེེད།
牛群羊隻遍滿整個草原。
དེ་དུས་དངོས་གནས་དཔེ་སྐྱིད་པོ་འདུག
那時真的非常快樂!
ཁ་བ། འབྲོག་པ་ཚོས་ང་ཚོར་དགའ་པོ་ཞེ་དྲགས་བྱེད་ཀྱི་འདུག
乙:牧民們很喜歡我們,
ང་ཚོ་ཚང་མ་འབྲེལ་བ་ཡག་པོ་ཡོད།
我們所有人的關係都很好。
སང་ལོ་ང་ཚོ་འབྲོག་ཁུལ་ལ་ཡང་བསྐྱར་འགྲོ་དགོས་ཡོད།
明年我們要再次前往牧區。
ཀ་པ། རྗེས་མར་ཁྱེད་རང་གཉིས་ཀྱིས།
甲:以後你們兩位,
ང་ཚོ་ལ་འབྲོག་ཁུལ་གྱི་གནས་ཚུལ་མང་ཙམ་བཤད་གནང་ཨཱ།
請多多告訴我們牧區的情形啊!

བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社