11 學校的環境有多優美

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བཅུ་གཅིག་པ།
第十一課
༼སློབ་གྲྭའི་ཁོར་ཡུག་ཡག་ལོས་ཡོད་རེད།༽
〈學校的環境有多優美?〉
甲:你們好像是同學,對吧?
ཁ་པ། ང་ཚོ་ཚང་མ་སློབ་གྲྭ་ཆུང་བའི་སྐབས་ཀྱི་སློབ་གྲོགས་ཤ་སྟག་རེད།
乙:我們全都是小學時期的同學,
ད་ལམ་འཁོར་ཞག་ལ་ཡོང་ནས་དེ་རིང་འདིར་ཕྲད་པ་རེད།
最近休假回來,在這裡相遇。
ཀ་པ། ཁྱེད་རང་ཚོ་ད་ལྟ་སློབ་གྲྭ་ག་རེ་ག་རེ་ཡི་སློབ་ཕྲུག་ཡིན།
甲:你們現在是哪些學校的學生呢?
ཁ་པ། ཁོང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་རེད།
乙:他是西藏民族大學的學生,
ང་གཉིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཡིན།
我們倆是西藏大學的學生,
ཁོང་གསུམ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་རེད།
他們三位是西南民族大學的學生。
ཀ་པ། ཁྱེད་རང་ཚོའི་སློབ་གྲྭའི་ཁོར་ཡུག་ཡག་ལོས་ཡོད་རེད།
甲:你們學校的環境有多優美?
ཁ་པ། ངས་ངོ་སྤྲོད་ཞུ་ཆོག
乙:我來介紹!
ང་ཚོའི་སློབ་གྲྭའི་ས་ཆ་རྒྱ་ཆེན་པོ་ཞེ་དྲགས་ཡོད་པ་མ་ཟད།
我們學校不僅土地非常廣大,
ཁོར་ཡུག་ཡང་ཧ་ཅང་མཛེས་པོ་ཡོད་རེད།
環境也十分優美。
སློབ་གྲྭའི་ནང་ལ་ཁང་པ་ཐོག་བརྩེགས་ཅན་ཧ་ཅང་མང་པོ་ཡོད་རེད།
校園裡面有很多大樓,
ལམ་ཁ་མང་ཆེ་བ་ཨར་འདམ་གྱི་ལམ་ཆེན་རེད།
道路大多是水泥的馬路。
ག་པ། ད་དུང་ཚོགས་ཁང་དང་། སྣེ་ལེན་ཁང་། སྨན་ཁང་ཡོད་རེད།
丙:還有禮堂、接待室、藥房,
དེ་མིན་དཔེ་མཛོད་ཁང་། ཟ་ཁང་། ཉལ་ཁང་།
此外還有圖書館、餐廳、宿舍,
ཚོང་ཁང་། སྦྲག་ཁང་། དངུལ་ཁང་ཅི་དག་ཡོད་རེད།
以及商店、郵局、銀行…等等。
ཁ་པ། ང་ཚོའི་སློབ་ཁང་ནི་སློབ་འཁྲིད་ཁང་བརྩེགས་ཀྱི་ནང་ལ་ཡོད།
乙:我們的教室呢,位於教學大樓裡面,
དེའི་གཡོན་ཕྱོགས་ལ་དོན་གཅོད་ཁང་བརྩེགས་ཡོད་རེད།
左邊有辦公大樓,
གཡས་ཕྱོགས་ལ་ལུས་རྩལ་ཐང་ཆེན་ཡོད་རེད།
右邊有運動場。
ཀ་པ། མེ་ཏོག་དང་ཤིང་སྣ་མང་ལོས་ཡོད་རེད།
甲:有多少花朵和樹木呢?
ག་པ། མང་པོ་ཡོད་རེད། ལམ་ཁའི་གཡས་གཡོན་ལ།
丙:有很多。在道路的左右兩側,
ཤིང་འབྲས་ལྡུམ་ར་དང་། མེ་ཏོག་ལྡུམ་ར་ཡོད་རེད།
有果園,以及花圃。
སློབ་ཁང་གི་རྒྱབ་ཕྱོགས་ལ་ད་དུང་སྤང་དང་ཞིང་ར་ཡོད་རེད།
在教室的後方,還有草地和農場。
ཀ་པ། ཁྱེད་རང་ཚོའི་སློབ་གྲྭའི་ཁོར་ཡུག་གི་ཆ་རྐྱེན་ཡག་པོ་ཞེ་དྲགས་འདུག
甲:你們學校的環境條件非常好。
ཁ་པ། སློབ་གྲྭས་ང་ཚོར་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཡག་པོ་གནང་བ་རེད།
乙:學校給予我們良好的學習環境。
ང་ཚོས་ངེས་པར་དུ་ནན་ཏན་བྱས་ནས་སློབ་སྦྱོང་བྱེད་དགོས་རེད།
我們一定要認真地學習!

བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社