12 最近有多忙碌?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བཅུ་གཉིས་པ། 第十二課
༼དེང་སང་ཐུགས་བྲེལ་ཚ་ལོས་འདུག ༽
〈最近有多忙碌?〉
ཀ་པ། རྒྱལ་པོ་ལགས། དེང་སང་ཐུགས་བྲེལ་ཚ་ལོས་འདུག
甲:杰波啦,最近有多忙碌?
ཁ་པ། བྲེལ་བ་མེད་པའི་དུས་ག་པར་ཡོད་རེད།
乙:哪裡有不忙碌的時候,
ལྷག་པར་དུ་དེང་སང་གཅིག་ནས་སློབ་སྦྱོང་བྱེད་ཡག་དང་།
尤其是最近,一來必須學習,
གཉིས་ནས་ལུས་རྩལ་སྦྱོང་དགོས་ཀྱི་འདུག
二來必須鍛鍊身體。
ཀ་པ། ནོར་བུ་ཁོང་ཚོས་ག་རེ་ག་རེ་བྱེད་ཀྱི་འདུག
甲:諾布他們正在做些什麼?
ཁ་པ། ཁོང་ཚོའི་སློབ་གྲྭའི་ལུས་རྩལ་འགྲན་བསྡུར་གྱི་ལས་འགུལ་ལ།
乙:他們學校的體育競賽活動,
གཞུག་ཡག་གི་གྲ་སྒྲིག་བྱེད་པའི་སྒང་རེད།
正進入準備參賽的階段。
ཀ་པ། ཁོང་ཚོ་འཛིན་གྲྭ་མ་འཚོགས་པར།
甲:他們是利用課餘的時間,
ཆེད་མངགས་གྲ་སྒྲིག་བྱས་བསྡད་ཡོད་རེེད་པས།
專門來準備的嗎?
ཁ་པ། སྔ་དྲོ་འཛིན་གྲྭ་འཚོག
乙:上午上課,
དགོང་དག་ལུས་རྩལ་སྦྱོང་བརྡར་བྱེད་གག་འགྲོ་གིས།
傍晚去鍛鍊身體。
ཀ་པ། འཛིན་གྲྭ་ཡོངས་རྫོགས་གཞུག་དགོས་རེད་པས།
甲:所有的班級都必須參加嗎?
ཁ་པ། ཡིན་དགོས་བྱུང་།
乙:必須參加。
སློབ་ཕྲུག་དང་ལས་བཟོ་ཚང་མ་འགྲན་བསྡུར་ལ་གཞུག་ཀྱི་རེད།
所有的學生和職員,都將參加比賽。
ཀ་པ། ལུས་རྩལ་འགྲན་བསྡུར་བྱེད་ཡག་རྣམ་གྲངས་ག་རེ་ག་རེ་ཡོད་རེད།
甲:體育競賽的項目有哪些?
ཁ་པ། སྣེ་ཁ་མང་པོ་ཡོད་རེད།
乙:種類有很多。
རྒྱུག་ཤར་གློད་ཡག་དང་། མཆོང་རྒྱུག་རྒྱག་ཡག
包括有:跑步、跳躍、
ཞ་གོང་དང་། ལྕགས་ལེབ་དབྱུག་ཡག་ཅི་དག་ཡོད་རེད།
擲鉛球、鐵餅…等等。
ད་དུང་ཐག་པ་འཐེན་ཡག་ཡང་ཡོད་རེེད།
也還有拔河比賽。
ཀ་པ། ད་རེས་ལུས་རྩལ་འགྲན་བསྡུར་གྱི་ལས་འགུལ་ནང་ལ།
甲:這次體育競賽的活動裡,
སྤོ་ལོའི་རིགས་འགྲན་བསྡུར་བྱེད་ཡག་མི་འདུག་གས།
沒有球類的競賽嗎?
ཁ་པ། འདུག རྐང་རྩེད་སྤོ་ལོ་དང་། དབྱུག་རྩེད་སྤོ་ལོ།
乙:有的。包括有:足球、棒球、
ལན་ཆིའུ་སྤོ་ལོ། ཕའེ་ཆིའུ་སྤོ་ལོ། ཕིང་ཕང་སྤོ་ལོ།
籃球、排球、乒乓球,
བྱ་སྒྲོ་སྤོ་ལོ་སོགས་འགྲན་བསྡུར་བྱེད་ཡག་འདུག
以及羽毛球…等等的競賽。
ཀ་པ། ཁོང་ཚོའི་འཛིན་གྲྭའི་ནང་ལ།
甲:他們班上,
འགྲན་བསྡུར་གྱི་རྣམ་གྲངས་ག་རེ་ག་རེ་ལ་གཞུག་མཁན་ཡོད་རེད།
有人參加哪些競賽的項目?
ཁ་པ། མཐོ་མཆོང་དང་། རྒྱང་མཆོང་།
乙:有跳高、跳遠。
དེ་མིན་རྒྱང་རྒྱུག་དང་། ཉེ་རྒྱུག་སོགས་ཚང་མར་གཞུག་མཁན་ཡོད་རེད།
此外長跑、短跑等等,都有人參加。
ཀ་པ། གཟུགས་པོ་བདེ་ཐང་ཡོང་བའི་ཆེད་དུ།
甲:為了身體安康的緣故,
ང་ཚོས་ངེས་པར་དུ་གཟུགས་པོ་སྦྱོང་བརྡར་ཡག་པོར་བྱེད་ཀྱི་ཡིན།
我們一定要好好地鍛鍊身體!
བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社