13 會議的內容是什麼?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བཅུ་གསུམ་པ། 第十三課
༼ཚོགས་འདུའི་ནང་དོན་ག་རེ་རེད།༽
〈會議的內容是什麼?〉
ཀ་པ། གཟའ་ཟླ་བའི་དགོང་མོ་ང་ཁྱེད་རང་གི་ནང་ལ་ཡོང་བ་ཡིན།
甲:星期一傍晚我到你家去了,
ཁྱེད་རང་བཞུགས་ཀྱི་མི་འདུག ག་པར་ཕེབས་པ་ཡིན།
你不在,上哪裡去了?
ཁ་པ། དེའི་དགོང་མོ་ང་ཚོའི་འཛིན་གྲྭའི་ནང་ལ་ཚོགས་འདུ་ཅིག་འཚོགས་སོང་།
乙:那天傍晚,我們班上開了一個會議,
ང་ཚོ་ཚང་མ་ཚོགས་འདུར་ཕྱིན་པ་ཡིན།
我們全都去開會了。
ཀ་པ། ཚོགས་འདུའི་ནང་དོན་ག་རེ་རེད།
甲:會議的內容是什麼?
ཁ་པ། ཚོགས་འདུའི་ནང་དོན་ནི་སློབ་སྦྱོང་གི་ཉམས་མྱོང་བརྗེ་རེས་བྱེད་ཡག་རེད།
乙:會議的內容,是交換學習的經驗。
ཀ་པ། ཁྱེད་རང་ཚོས་ངར་ཚོགས་འདུའི་གནས་ཚུལ་ཅིག་བཤད་གནང་དང་།
甲:請你們和我說一下,會議的情形吧!
ཁ་པ། ཚོགས་འདུའི་ཐོག་ལ་ཚོགས་ཆུང་དང་པོས།
乙:會議當中的第一小組,
སློབ་གྲོགས་ཕན་ཚུན་རོགས་རམ་བྱེད་པའི་ཉམས་མྱོང་བཤད་སོང་།
提到了同學彼此互相幫助的經驗。
སློབ་གྲོགས་ཚོའི་བསམ་བློ་དང་སློབ་སྦྱོང་གི་ཐོག་ལ་ཡར་རྒྱས་ཆེན་པོ་བྱུང་བཞག
同學們的思想和學習方面,都有很大的進步。
ག་པ། ཁོང་ཚོ་དངོས་གནས་ཡར་རྒྱས་ཆེན་པོ་ཕྱིན་བཞག
丙:他們真的進步很多!
ད་དུང་འཛིན་གྲྭ་འཚོག་དུས་སློབ་སྦྱོང་བྱེད་པའི་ཐབས་ཤེས་དེ་ཡག་པོ་ཞེ་དྲགས་འདུག
還有上課時,那個學習的方法也非常好。
རྒན་ལགས་ཀྱིས་སློབ་ཕྲུག་གཞན་དག་ལ་གནད་དོན་འདྲི་སྐབས།
當老師在詢問其他學生重點的時候,
རང་ཉིད་ལ་འདྲི་གི་ཡོད་ནང་བཞིན་བྱས་ནས།
就當成好像在詢問自己一樣,
སྐད་ཆུང་ཆུང་གིས་ངག་སྐྱོར་གཏོང་བ་དང་།
小小聲地來覆誦、
ལན་རྒྱག་ཡག ཀློག་ཡག་སོགས་བྱས་ཙང་།
回答、讀念…等等。
ཁྱེད་རང་གི་སློབ་སྦྱོང་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་འཐོབ་ཀྱི་རེད།
都會讓你的學習獲得很大的成果。
ང་པ། ཁོང་ཚོས་དཀའ་ངལ་མང་པོ་ཁྱད་བསད་བྱས་ནས།
丁:他們克服了很多的困難,
བོད་སྐད་སློབ་སྦྱོང་བྱས་པ་མ་ཟད།
不僅學習藏語,
ག་པར་སླེབས་ནའི་བོད་སྐད་མང་བཤད་མང་ལབ་བྱས་བཞག
而且無論到哪裡,也多說多講藏語。
དེར་བརྟེན་དུས་ཚོད་ཐུང་ཐུང་ནང་ལ།
因此在短短的時間裡,
བོད་སྐད་མང་པོ་བཤད་ཤེས་པ་དང་།
會講很多藏語,
བོད་ཡིག་གི་རྩོམ་ཐུང་འབྲི་ཤེས་པ་ཆགས་ཐུབ་པ་རེད།
並且能寫出藏文的短篇文章。
ཁ་པ། ད་དུང་ཚོགས་འདུ་གྲོལ་ནས་ངས་བསམ་བློ་རྒྱུན་རིང་པོ་བཏང་བ་ཡིན།
在會議解散之後,我還思考了很久。
སློབ་ཕྲུག་ཚོས་བཤད་པའི་ཉམས་མྱོང་དེ་ཚོ་དངོས་གནས་ཡག་པོ་འདུག
學生們所說的那些經驗,真的很棒。
ངར་བློ་སྒོ་ཞེ་དྲགས་ཕྱེ་བྱུང་།
給了我很大的啟發。
གལ་སྲིད་ང་ཚོས་ཉམས་མྱོང་ཡག་པོ་དེ་ཚོ་བླངས་ནས།
如果我們能吸取那些良好的經驗,
རྨང་གཞིའི་ཐོག་ལ་རང་ཉིད་ཀྱིས་འབད་བརྩོན་བྱས་ན།
而後在基礎上自己努力下功夫的話,
ཡར་རྒྱས་མགྱོགས་པོར་འགྲོ་ཐུབ་ཀྱི་རེད་བསམ་གྱི་འདུག
我認為將會進步神速!

བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社