14 你認識扎西嗎?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བཅུ་བཞི་པ། 第十四課
༼ཁྱེད་རང་གིས་བཀྲ་ཤིས་ངོ་ཤེས་ཀྱི་ཡོད་པས།༽
〈你認識扎西嗎?〉
ཀ་པ། ཁྱེད་རང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཡིན་པས།
甲:你是西藏大學的學生嗎?
ཁྱེད་རང་གིས་བཀྲ་ཤིས་ངོ་ཤེས་ཀྱི་ཡོད་པས།
你認識扎西嗎?
ཁ་པ། སྐད་ཡིག་ཚན་ཁག་གི་བཀྲ་ཤིས་རེད་པས།
乙:是語文系的扎西嗎?
ང་ཚོ་འཛིན་གྲྭ་གཅིག་པ་ཡིན།
我們是同一個班級。
ཁྱེད་རང་བཀྲ་ཤིས་ཀྱི་སྤུན་མཆེད་ཡིན་པས།
你是扎西的親戚嗎?
ཀ་པ། ང་བཀྲ་ཤིས་ཀྱི་ཨ་ཕ་ཡིན།
甲:我是扎西的爸爸。
ད་ལྟ་བཀྲ་ཤིས་ཀྱིས་སློབ་སྦྱོང་བྱེད་ཡག་གང་འདྲས་འདུག
目前扎西學習得如何呢?
ཁ་པ། ཁོང་སློབ་སྦྱོང་གི་ཀུན་སློང་དང་དམིགས་ཡུལ་ཡག་པོ་ཡོད་ཙང་།
乙:因為他學習的動機和目的很好,
སློབ་སྦྱོང་བྱེད་ཡག་ཧ་ཅང་ཡག་པོ་འདུག
所以學習得很好。
ཀ་པ། ཁྱེད་ཚོས་བོད་ཡིག་བོད་སྐད་ག་དུས་འགོ་འཙུགས་ནས་སློབ་སྦྱོང་བྱས་པ་ཡིན།
你們是什麼時候開始學習藏文藏語的?
བཀྲ་ཤིས་ཀྱི་སྒྲ་གང་འདྲས་འདུག
扎西的發音如何呢?
ཁ་པ། ན་ནིང་ཟླ་བ་གསུམ་པའི་ཚེས་པ་གཅིག་ལ་འགོ་བཙུགས་ནས་བྱས་པ་ཡིན།
甲:是去年的三月一日開始的。
བཀྲ་ཤིས་ཀྱིས་སྐད་ཆ་བཤད་དུས་སྒྲ་གསལ་པོ་འདུག
扎西說話時,聲音非常清楚,
ཡིན་ནའི་སྐད་གདངས་ཡག་པོ་རང་མི་འདུག
但是聲調不太準確。
ཀ་པ། ཉིན་རེར་བསླབ་པའི་སློབ་ཚན་དེ་དག
乙:每天所學習的那些課程,
ཉི་མ་དེ་རང་ལ་ཚང་མ་ཤེས་ཐུབ་ཀྱི་འདུག་གས།
能夠在當天全部瞭解嗎?
ཁ་པ། སྤྱིར་བཏང་བྱས་ན་མང་ཆེ་བ་ཤེས་ཐུབ་ཀྱི་འདུག
甲:一般來說,大多數都能瞭解。
བཀྲ་ཤིས་སློབ་སྦྱོང་ལ་ཧུར་བརྩོན་ཆེན་པོ་ཡོད་རེད།
扎西在學習上非常勤奮。
ཀ་པ། བཀྲ་ཤིས་ཀྱིས་དུས་རྒྱུན་བོད་སྐད་མང་པོ་རྒྱག་གི་ཡོད་རེད་པས།
甲:扎西經常有講很多藏語嗎?
ངོ་ཚ་བྱེད་ཀྱི་འདུག་གས།
會害羞嗎?
ཁ་པ། ཁོང་གིས་སློབ་སྦྱོང་གི་ཐོག་ལ་ངོ་ཚ་བྱེད་ཀྱི་མ་རེད།
乙:他在學習上並不會害羞。
ག་པར་སླེབས་ནའི་བོད་སྐད་ཤ་སྟག་བཤད་ཀྱི་འདུག
不論到哪裡全部都說藏語。
ཀ་པ། བྱེད་ཡག་དེ་འགྲིགས་པ་རེད།
甲:那樣做可以,
དེ་འདྲ་མ་བྱས་ན་འགྲིག་གི་མ་རེད།
沒有那樣做的話就不行。
བཀྲ་ཤིས་ཀྱིས་བོད་ཡིག་འབྲི་ཡག་གང་འདྲས་འདུག
扎西的藏文寫得如何?
འབྲི་ཡག་མགྱོགས་པོ་འདུག་མི་འདུག
寫得快不快?
ཁ་པ། ཡི་གེ་འབྲི་ཡག་མགྱོགས་པོ་ཡོད་མ་རེད། ཏོག་ཙམ་འགོར་པོ་ཡོད་རེད།
乙:字寫得不快,有點慢。
ཡིན་ནའི་འབྲི་ཡག་གཙང་མ་དང་།
但是寫得很乾淨,
གྲལ་འགྲིགས་པོ་ཞེ་དྲགས་ཡོད་རེད།
非常工整。(未完待續)