15 你們的生活如何?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བཅོ་ལྔ་པ། 第十五課
༼ཁྱེད་ཚོའི་འཚོ་བ་གང་འདྲས་འདུག ༽
〈你們的生活如何?〉
ཀ་པ། སློབ་གྲྭ་ཆེན་མོའི་ནང་གཙོ་བོ་རང་འགུལ་ལ་བརྟེན་རྒྱུ་རེད།
甲:大學裡主要依靠自動自發。
ཉིན་རེའི་བསྐྱར་སྦྱོང་བྱེད་ཡག་གི་གནས་ཚུལ་གང་འདྲས་འདུག
每天復習的情形如何?
ཁ་པ། ཁོང་གིས་ཉིན་ལྟར་བསྐྱར་སྦྱོང་བྱེད་པ་དང་།
乙:他每天的復習,
ནམ་རྒྱུན་སློབ་སྦྱོང་གི་ཐབས་ཤེས་ལ་དོ་སྣང་ཞེ་དྲགས་བྱེད་ཀྱི་རེད།
以及平常的學習,都非常注重方法。
སྔོན་མ་སློབ་སྦྱོང་བྱས་པའི་ཚིག་གསར་རྣམས།
不僅以前所學習過的單字,
དཔེ་གསལ་པོར་ངེས་པ་མ་ཟད།
都牢記得非常清楚,
སློབ་ཚན་རེ་རེ་ཡང་ངག་སྐྱོར་བྱེད་ཡག་འབྱོང་པོ་ཞེ་དྲགས་ཡོད་རེད།
每篇課文也都覆誦得非常熟練。
པཱ་ལགས་ཐུགས་འཁྲལ་གནང་དགོས་མི་འདུག
爸爸請不用擔心。
ཀ་པ། འདི་འདྲས་ཡིན་ན་ང་བློ་བདེ་པོ་བྱུང་།
甲:這樣我就放心了!
ཁྱེད་ཚོའི་འཚོ་བ་གང་འདྲས་འདུག
你們的生活如何呢?
ཁ་པ། ང་ཚོའི་འཚོ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།
乙:我們的生活相當豐富。
ང་ཚོ་ཞོགས་ལྟར་སྔ་པོ་ལངས་ནས།
我們每天清晨早起,
ཞོགས་པའི་བྱེད་སྒོ་རྣམས་ཆ་ཚང་བྱས་ཚར་རྗེས།
晨間的活動全部做完之後,
ཉིན་ལྟར་སྔ་དྲོ་སློབ་ཚན་ཚོགས་པ་དང་།
每天上午上課,
དགོང་དྲོ་རང་སྦྱོང་བྱེད་པ།
午後自習。
དེ་མིན་སློབ་ཚན་ཕྱི་རོལ་གྱི་ལས་འགུལ་ལ་གཞུག་ཡག་ཡོད་རེད།
除此之外,也有參加課外活動。
ད་དུང་གཟའ་འཁོར་རེ་རེ་གློག་བརྙན་ཐེངས་གཅིག་བལྟ་བའམ།
還有每個星期會看一次電影,
ཡང་ན་ལྟ་སྐོར་ལ་འགྲོ་གི་ཡོད།
又或者去參觀。
ཀ་པ། ཁྱེད་ཚོའི་ཞལ་ལག་གང་འདྲས་འདུག
甲:你們的食物如何呢?

ཁ་པ། ང་ཚོའི་ཁ་ལག་ནི་ཧ་ཅང་ཞིམ་པོ་འདུག
乙:我們的食物呢,十分美味。
ཚལ་བརྒྱད་དགུ་ག་ཚོད་ཉོས་ཉོས་ཡོད་རེད།
有八、九樣菜,可以任意購買。
ད་སླེབས་སོང་།
現在到了!
བཀྲ་ཤིས་ཀྱི་ཉལ་ཁང་འདི་རེད།
這是扎西的宿舍。
ཀ་པ། ལགས་སོ། །/ལས་སེ། ཐུགས་རྗེ་ཆེ།
甲:好的。謝謝!
ཁྱེད་རང་ཚོ་དངོས་གནས་བདེ་སྐྱིད་ཆེན་པོ་འདུག
你們真的很幸福!(劇終)
བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社