2 他是誰

སློབ་ཚན་གཉིས་པ། 第二課
༼ཁོང་སུ་རེད།༽〈他是誰〉
ང་དགེ་རྒན་ཡིན། སློབ་ཕྲུག་མིན།
我是老師,不是學生。
ང་ཚོ་སློབ་མ་ཡིན། བླ་མ་མིན།
我們是弟子,不是上師。
ཁྱེད་རང་གྲྭ་པ་རེད། ཁྱིམ་པ་མ་རེད།
你是僧人,不是在家人。
ཁྱེད་རང་ཚོ་ཞིང་པ་རེད། འབྲོག་པ་མ་རེད།
你們是農民,不是牧民。
ཁོང་སུ་རེད།
他是誰?
ཁོང་ཆོས་ཚོགས་ཀྱི་བླ་མ་རེད།
他是佛學中心的上師。
ཁྱེད་རང་སུ་ཡིན།
你是誰?
ང་བོད་ཡིག་གི་དགེ་རྒན་ཡིན།
我是藏文老師。
ང་ཚོ་ནང་པ་ཡིན་པས།
我們是佛教徒嗎?(問自方)
ང་ཚོ་ནང་པ་ཡིན། ཕྱི་རོལ་པ་མིན།
我們是佛教徒,不是外道徒。
ང་ཚོ་གྲོགས་པོ་མ་རེད་པས།
我們不是朋友嗎?(問他方)
ཁྱེད་རང་ཚོ་གྲོགས་པོ་མ་རེད། དགྲ་བོ་རེད།
你們不是朋友,是敵人。
ཁོང་སྨན་པ་རེད་མ་རེད།
他是不是醫生?(正反問)
ཁོང་སྨན་པ་མ་རེད། ནད་པ་རེད།
他不是醫生,是病人。
མོ་རང་ཨ་མ་རེད། བུ་མོ་རེད།
她是媽媽?還是女兒?(選擇問)
མོ་རང་ཨ་མ་རེད། བུ་མོ་ཡང་རེད།
她是媽媽,也是女兒。
མོ་རང་རང་གི་ཕྲུ་གུའི་ཨ་མ་རེད། རང་གི་ཕ་མའི་བུ་མོ་རེད།
她是自己小孩的媽媽,自己父母的女兒。
ང་ནི་གངས་ཅན་བོད་པའི་གངས་ཕྲུག་ཡིན།
我是雪域西藏的兒子。(主觀)
ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད།
我們都是藏族的同胞。(客觀)
མེས་དབོན་རྣམ་གསུམ་ང་ཚོའི་ཡབ་མེས་ཡིན། །
祖孫三王,是我輩的祖先。
(祖孫三王:松贊干布、赤松德贊、赤祖德贊。)
མཁས་མཆོག་ཐོན་མི་ང་ཚོའི་ལམ་སྟོན་ཡིན། །
智者吞彌,是我們的先驅。
(吞彌桑布札ཐོན་མི་སཾབྷོཊ།:藏文的創造者與文法學家。)
ས་ཡ་དྲུག་པོ་ང་ཡི་སྤུན་ཟླ་ཡིན། །
六百萬人,是我的手足。
ཡིད་བཞིན་ནོར་བུ་ང་ཡི་བླ་མ་ཡིན། །
達賴尊者,是我的上師。