3 你從哪裡來?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》

སློབ་ཚན་གསུམ་པ། 第三課
༼ཁྱེད་རང་ག་ནས་ཡིན་པཱ།༽〈你從哪裡來?〉
ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་ཡོད།
請問您尊姓大名?
ངའི་མིང་ལ་ནོར་བུ་བསམ་གྲུབ་ཟེར་གྱི་ཡོད།
我的名字叫羅布桑珠。
ཁྱེད་རང་དགོང་ལོ་ག་ཚོད་ཡིན།
請問您貴庚?
ང་ལོ་ཉི་ཤུ་རྩ་གཅིག་ཡིན།
我二十一歲。
ཁྱེད་རང་སློབ་གྲྭ་ག་ནས་ཡིན་པཱ།
你來自哪所學校?
ང་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ཡིན།
我來自西藏大學。
ཁྱེད་རང་དགེ་རྒན་ཡིན། ལས་བྱེད་པ་ཡིན།
您是老師?還是職員?
མིན། ང་སློབ་ཕྲུག་ཡིན།
不是,我是學生。
ཁྱེད་རང་འཛིན་གྲྭ་ག་གིའི་སློབ་ཕྲུག་ཡིན་པཱ།
您是哪個班級的學生?
ང་བོད་ཡིག་འཛིན་གྲྭའི་སློབ་ཕྲུག་ཡིན།
我是藏文班級的學生。
ཁྱེད་རང་སློབ་ཕྲུག་གསར་པ་ཡིན་པས།
您是新同學嗎?
ང་སློབ་ཕྲུག་གསར་པ་ཡིན།
我是新同學。
ཁྱེད་རང་ག་ནས་ཡིན་པཱ།
您來自哪裡?
ང་ལྷ་ས་ནས་ཡིན།
我來自拉薩。
ཁྱེད་རང་མི་རིགས་ག་རེ་ཡིན་པཱ།
您是哪個民族?
ངའི་པཱ་ལགས་བོད་རིགས་ཡིན། ངའི་ཨ་མ་ལགས་རྒྱ་རིགས་ཡིན།
我的爸爸是藏族,我的媽媽是漢族。
ཁྱེད་རང་གི་ནང་ལ་ནང་མི་ག་ཚོད་ཡོད།
您家裡有多少家人?
ངའི་ནང་ལ་ནང་མི་དྲུག་ཡོད།
我家裡有六位家人。
ཁྱེད་རང་གི་ནང་ལ་ནང་མི་སུ་སུ་ཡོད།
您家裡有哪些家人?
ངའི་ནང་ལ་པཱ་ལགས། ཨ་མ་ལགས། གཅེན་པོ་གཅིག་དང་གཅུང་མོ་གཉིས་ཡོད།
我家裡有爸爸、媽媽、一位哥哥和兩位妹妹。
ཁྱེད་རང་གི་ཉལ་ཁང་ལ་སློབ་ཕྲུག་ག་ཚོད་ཡོད་རེད།
您的宿舍裡有多少學生?
ངའི་ཉལ་ཁང་ལ་སློབ་ཕྲུག་བཞི་ཡོད་རེད།
我的宿舍裡有四位學生。
ཁོང་ཚོ་ག་ནས་རེད།
他們來自哪裡?
ཁོང་ཚོ་མཐའ་མཚམས་ནས་རེད།
他們來自邊疆。
ཁོང་ཚོ་ཚང་མ་སོག་རིགས་རེད།
他們全都是蒙族。
བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社