4 您的學校在哪裡?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བཞི་པ། 第四課
༼ཁྱེད་རང་གི་སློབ་གྲྭ་ག་པར་ཡོད་རེད།༽
〈您的學校在哪裡?〉
ཀ་པ། ཁྱེད་རང་ཕྱག་ལས་ག་རེ་གནང་མཁན་ཡིན་པཱ།
甲:您是從事什麼事業的人?
ཁ་པ། ང་བོད་ལྗོབས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཡིན།
乙:我是西藏大學的學生。
ཀ་པ། ཁྱེད་རང་གི་སློབ་གྲྭ་ག་པར་ཡོད་རེད།
甲:您的學校在哪裡?
ཁ་པ། ངའི་སློབ་གྲྭ་ལྷ་ས་ཟམ་ཆེན་གྱི་གཤམ་ལ་ཡོད་རེད།
乙:我的學校位於拉薩大橋的下面。
ཀ་པ། སློབ་གྲྭར་ཚན་ཁག་ག་ཚོད་ཡོད་རེད།
甲:學校裡有多少科系?
ཁ་པ། སློབ་གྲྭར་ཚན་ཁག་བདུན་ཡོད་རེད།
乙:學校裡有七個科系。
ཀ་པ། ཚན་ཁག་ག་རེ་ག་རེ་ཡོད་རེད།
甲:有哪些科系?
ཁ་པ། བོད་ཡིག་ཚན་ཁག་དང་། རྒྱ་སྐད་ཚན་ཁག
乙:有藏文系、漢語系、
ལོ་རྒྱུས་ཚན་ཁག རྩིས་རིག་ཚན་ཁག
歷史系、數學系、
སྐྱེ་དངོས་ཚན་ཁག སྒྱུ་རྩལ་ཚན་ཁག
生物系、藝術系、
བོད་སྨན་ཚན་ཁག་ཅི་དག་ཡོད་རེད།
以及藏醫系……等等。
ཀ་པ། འོ་ན་ཁྱེད་རང་སློབ་སྦྱོང་ག་རེ་བྱེད་མཁན་ཡིན་པཱ།
甲:那麼,您是學習什麼的人?
ཁ་པ། ང་བོད་ཡིག་སློབ་སྦྱོང་བྱེད་མཁན་ཡིན།
乙:我是學習藏文的人。
ང་བོད་ཡིག་ཚན་ཁག་གི་སློབ་ཕྲུག་ཡིན།
我是藏文系的學生。
ཀ་པ། ཚན་ཁག་རེ་རེར་འཛིན་གྲྭ་ག་ཚོད་ཡོད་རེད།
甲:每個科系裡有多少班級?
ཁ་པ། ཚང་མ་གཅིག་པ་མ་རེད།
乙:全部都不同。
ང་ཚོ་བོད་ཡིག་ཚན་ཁག་ལ་འཛིན་གྲྭ་དྲུག་ཡོད་རེད།
我們藏文系裡有六個班級,
ཚན་ཁག་གཞན་པར་འདི་འདྲས་མང་པོ་ཡོད་མ་རེད།
而其他科系就沒有這麼多。
ཀ་པ། འཛིན་གྲྭ་རེ་རེར་སློབ་ཕྲུག་ག་ཚོད་ཡོད་རེད།
甲:每個班級裡有多少學生?
ཁ་པ། སློབ་གྲོགས་སུམ་ཅུ་བཞི་བཅུ་ཙམ་རེ་ཡོད་རེད།
乙:每個班級大約有三、四十位同學。
ཀ་པ། ལོ་ལྟར་སློབ་གྲྭ་ཐོན་མཁན་མང་ལོས་ཡོད་རེད།
甲:每年畢業的學生有多少?
ཁ་པ། ལོ་ལྟར་ཚན་ཁག་རེ་ནས་སློབ་གྲྭ་ཐོན་མཁན།
乙:每年從每個科系裡畢業的學生,
འཛིན་གྲྭ་གཅིག་གཉིས་ཙམ་ཡོད་རེད།
大約有一、兩個班級。
ཀ་པ། སློབ་གྲྭའི་དཔེ་མཛོད་ཁང་ལ་བོད་ཡིག་གི་དཔེ་ཆ་ཡོད་རེད་པས།
甲:學校的圖書館裡有藏文書籍嗎?
ཁ་པ། སློབ་གྲྭའི་དཔེ་མཛོད་ཁང་ལ་བོད་ཡིག་གི་དཔེ་ཆ་དང་།
乙:學校的圖書館裡有很多藏文書籍、
དུས་དེབ། ཚགས་པར་མང་པོ་ཡོད་རེད།
雜誌,還有報紙。
བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社