5 您在這裡做什麼?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་ལྔ་པ། 第五課
༼ཁྱེད་རང་འདིར་ག་རེ་གནང་གི་ཡོད།༽
〈您在這裡做什麼?〉
ཀ་པ། གྲོགས་པོ་ལགས། ཁྱེད་རང་འདིར་ག་རེ་གནང་གི་ཡོད།
甲:朋友呀!您在這裡做什麼?
ཁ་པ། ང་འདིར་མི་གཅིག་སྒུག་གི་ཡོད།
乙:我在這裡等一個人。
ཀ་པ། མི་སུ་སྒུག་གནང་གི་ཡོད།
甲:在等誰呢?
ཁ་པ། ང་བོད་ཡིག་དགེ་རྒན་སྒུག་བསྡད་ཡོད།
乙:我在等藏文老師。
ཁྱེད་རང་འདིར་བཞུགས་དང་།
請您待在這裡吧,
ང་ལ་ཁོང་སྒུག་རོགས་ཏོག་ཙམ་གནང་ཨཱ།
幫忙我等他一下啊。
ཀ་པ། ཁོང་བསྒུགས་ནས་ཕྱག་ལས་ག་རེ་ཡོད་རེད།
甲:等他之後有什麼事情?
ཁ་པ། དེ་རིང་ང་ཚོས་བོད་ཀྱི་སྐད་ཡིག་དང་།
乙:今天我們要學習西藏的語文,
བོད་ཀྱི་ཆོས་འབྱུང་སློབ་སྦྱོང་བྱེད་དགོས་རེད།
以及西藏的宗教史。
ཀ་པ། དེང་སང་ཁྱེད་རང་ཚོས་སློབ་སྦྱོང་ག་རེ་ག་རེ་བྱེད་ཀྱི་ཡོད།
甲:最近你們在學習些什麼?
ཁ་པ། ང་ཚོས་ཆབ་སྲིད་དང་། ལོ་རྒྱུས།
乙:我們在學習政治、歷史、
བོད་ཀྱི་སྐད་ཡིག ཕྱི་རྒྱལ་གྱི་སྐད་ཡིག
西藏語文、外國語文,
དེང་རབས་རྩོམ་རིག་བཅས་སློབ་སྦྱོང་བྱེད་ཀྱི་ཡོད།
以及現代文學。
ཀ་པ། བོད་གཞས་སློབ་སྦྱོང་བྱེད་ཀྱི་མེད་པས།
甲:沒有在學習藏曲嗎?
ཁ་པ། ད་ལྟ་བོད་གཞས་སློབ་སྦྱོང་བྱེད་ཀྱི་མེད།
乙:目前沒有在學習藏曲。
ང་ཚོའི་ཚན་ཁག་ལ་ལོ་གསུམ་པ་ནས།
我們科系從三年級開始,
རོལ་དབྱངས་སློབ་སྦྱོང་བྱེད་དགོས་རེད།
必須學習音樂。
ཀ་པ། བློ་གཅིག་སེམས་གཅིག་གིས་བོད་ཀྱི་རིག་གནས་སློབ་སྦྱོང་བྱས་ན།
甲:一心一意學習西藏文化的話,
སྒྱུ་རྩལ་སློབ་སྦྱོང་བྱེད་ཡས་དེ་དངོས་གནས་གལ་ཆེན་པོ་རེད།
藝術的學習真的很重要。
ཁ་པ། ངས་ཀྱང་འདི་འདྲས་བསམ་བློ་གཏོང་གི་ཡོད།
乙:我也是這麼想。
བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདི་ནི།
雪域西藏這個地區呢,
གླུ་གར་གྱི་རྒྱ་མཚོ་དང་སྙན་ངག་གི་འབྱུང་གནས་རེད།
是歌舞的海洋,和詩歌的泉源。
བོད་ཀྱི་མཁས་དབང་དང་རྩོམ་པ་པོ་མང་པོ་ཞིག་གིས་གནང་བ་དེ།
眾多西藏學者和作家的作品,
ང་ཚོའི་གཟི་བརྗིད་བླ་ན་མེད་པ་རེད།
都是我們無上的榮耀。
ཀ་པ། ཡག་པོ་ཞེ་དྲགས་འདུག
甲:非常好,
ཁྱེད་རང་ཚོས་སློབ་སྦྱོང་ཡག་པོར་གནང་ཨཱ།
你們好好地學習啊!
བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社