6 明天您將去那裡?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་དྲུག་པ། 第六課
༼སང་ཉིན་ཁྱེད་རང་ག་པར་ཕེབས་ཀྱི་ཡིན།༽
〈明天您將去那裡?〉
ཀ་པ། སང་ཉིན་ཁྱེད་རང་ག་པར་ཕེབས་ཀྱི་ཡིན།
甲:明天您將去哪裡?
ཁ་པ། སང་ཉིན་ང་སློབ་གྲྭར་འགྲོ་གི་ཡིན།
乙:明天我將要去學校。
ཀ་པ། སློབ་གྲྭར་ག་རེ་གནང་གག་ཕེབས་ཀྱི་ཡིན།
甲:將去學校做什麼?
ཁ་པ། སང་ཉིན་སློབ་དུས་གསར་པ་འགོ་ཚུགས་ཀྱི་རེད།
乙:明天新的學期將開始,
ང་ཚོས་སློབ་ཚན་གསར་པ་སློབ་སྦྱོང་བྱེད་ཀྱི་ཡིན།
我們將學習新的課程。
ཀ་པ། ཁྱེད་རང་ཚོས་སློབ་གྲྭར་ག་རེ་ག་རེ་གནང་གི་ཡིན།
甲:你們將會在學校裡做些什麼?
ཁ་པ། སློབ་གྲྭར་སྔ་དྲོ་ཆུ་ཚོད་བརྒྱད་པ་ནས་འཛིན་གྲྭ་འཚོག་གི་རེད།
乙:學校從上午八點起開始上課,
ང་ཚོས་བོད་སྐད་སློབ་སྦྱོང་བྱེད་ཀྱི་ཡིན།
我們將學習藏語。
ཉིན་གུང་ཆུ་ཚོད་བཅུ་གཉིས་པར་ཁ་ལག་གཏོང་གི་རེད།
中午十二點將開始用餐。
ཁ་ལག་བཟས་ནས་ཆུ་ཚོད་གཅིག་ཙམ་ངལ་གསོ་བརྒྱག་གི་རེད།
吃過飯後,大約會休息一兩個鐘頭。
ཕྱི་དྲོ་སུམ་རྟགས་སློབ་སྦྱོང་བྱེད་ཀྱི་ཡིན།
下午將學習藏文文法。
དགོང་དག་ཁ་ལག་བཟས་ནས་རང་སྦྱོང་བྱེད་ཀྱི་ཡིན།
吃過晚餐後,將要自習。
རང་སྦྱོང་ཆུ་ཚོད་གཉིས་གསུམ་བྱས་ནས་ངལ་གསོ་བརྒྱག་གི་རེད།
自習兩三個小時之後,將會休息。
མཚམས་མཚམས་ལ་བོད་གཞས་གཏང་གི་རེད།
偶爾會唱唱藏歌,
མཚམས་མཚམས་ལ་ཞབས་བྲོ་བརྒྱག་གི་རེད།
偶爾會跳跳舞,
མཚམས་མཚམས་ལ་སྤོ་ལོ་བརྒྱག་གི་རེད།
偶爾會打打球……
ཕལ་ཆེར་ཆུ་ཚོད་བཅུ་པ་ཙམ་ལ་ཉལ་གྱི་རེད།
大多會在十點時就寢。
ཀ་པ། རྒན་ལགས་དང་སློབ་གྲོགས་ཚོས་བོད་སྐད་བཤད་ཀྱི་རེད་པས།
甲:老師和同學們將會說藏語嗎?
ཁ་པ། ཁོང་ཚོ་ཚང་མས་བོད་སྐད་བཤད་ཀྱི་རེད།
乙:他們都會說藏語。
གལ་སྲིད་ངས་ཁོང་ཚོར་བོད་སྐད་ཀྱིས་བཀའ་འདྲི་ཞུས་ན།
如果我透過藏語來請教他們的話,
ཁོང་ཚོས་ཚུར་བོད་སྐད་ཀྱིས་བཀའ་ལན་སྐྱོན་གྱི་རེད།
他們將會用藏語來答覆。
ཀ་པ། ད་ལྟ་བོད་སྐད་ཡག་པོ་རྒྱག་ཤེས་ཀྱི་མི་འདུག
甲:雖然現在不會說流利的藏語,
ཡིན་ནའི་དུས་རྒྱུན་བོད་སྐད་མང་པོར་བརྒྱབ་ན།
但若是經常多說藏語的話,
བསླབ་པ་རྣམས་སྲ་བརྟན་དང་མ་བརྗེད་པ་ཡོང་གི་རེད།
所學的將會穩固,並且不會遺忘。
ཁ་པ། རྒྱུ་མཚན་ཡོད་རེད།
乙:有道理,
ད་ལྟ་ནས་དུས་ཚོད་དམ་འཛིན་མ་བྱས་ན་ལོ་བཞི་ལམ་སང་འགྲོ་གི་རེད།
從現在起,如果沒有把握時間的話,四年很快就過去。
བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社