8 已經學過拼音了嗎?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་བརྒྱད་པ། 第八課
༼སྒྲ་སྦྱོར་སློབ་སྦྱོང་བྱས་པ་ཡིན་པས།༽
〈已經學過拼音了嗎?〉
ཀ་པ། རྒན་སྐལ་བཟང་ལགས་བཞུགས་མེད་པས།
甲:格桑老師不在嗎?
ཁ་པ། བཞུགས་མེད། ཁོང་ཚན་ཁག་གཞན་ལ་ཕེབས་པ་རེད།
乙:不在,他去別的科系了。
ཀ་པ། ཁོང་ཚོགས་འདུར་ཕེབས་པ་རེད་པས།
甲:他去開會嗎?
ཁ་པ། མ་རེད། སློབ་སྦྱོང་གནང་གག་ཕེབས་པ་རེད།
乙:不是,他去學習了。
ཀ་པ། སློབ་སྦྱོང་ག་རེ་གནང་གག་ཕེབས་པ་རེད།
甲:去學習什麼呢?
ཁ་པ། སྒྱུ་རྩལ་གསར་པ་སློབ་སྦྱོང་གནང་གག་ཕེབས་པ་རེད།
乙:去學習現代藝術了。
ཀ་པ། རི་མོ་འདི་སུས་བྲིས་པ་རེད།
甲:這幅畫是誰畫的呢?
ཡག་པོ་ཞེ་པོ་ཅིག་བྲིས་བཞག
畫得非常好耶!
ཁ་པ། རྒན་ལགས་ཀྱིས་བྲིས་གནང་བ་རེད།
乙:是老師畫的。
ཁོང་རང་སྦྱོང་གནང་ནས་མཁས་པ་ཆགས་པ་ཞིག་རེད།
他自己練習之後,變得很熟練。
ཀ་པ། ང་ཚོས་སློབ་སྦྱོང་ག་རེ་བྱས་ནའང་(ནའི)།
甲:我們不論學習什麼,
བརྩོན་འགྲུས་རྩོམ་ཡས་(ཡག་)དེ། གནད་འགག་གཙོ་བོ་རེད།
努力精進,是最主要的關鍵。
ཁ་པ། ལགས་རེད། རྒྱུན་མི་ཆད་པར་ལག་རྩལ་སྦྱོང་བརྡར་བྱེད་དགོས་རེད།
乙:是的,必須不間斷地鍛鍊技巧。
ཀ་པ། ཁྱེད་རང་ཚོས་བོད་ཡིག་སྒྲ་སྦྱོར་སློབ་སྦྱོང་བྱས་པ་ཡིན་པས།
甲:你們已經學過藏文拼音了嗎?
ཁ་པ། སློབ་དུས་གོང་མ་བྱས་ཚར་པ་ཡིན།
乙:上學期已經學完了。
དེང་སང་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་སྒང་ཡིན།
目前是學習西藏語文的階段。
ཀ་པ། སྐད་ཡིག་གང་འདྲས་སློབ་སྦྱོང་བྱས་པ་ཡིན་ནའང་(ནའི)།
甲:無論如何學習語文,
མང་པོ་ཀློག་ཡས་(ཡག་)དང་། མང་པོ་འབྲི་ཡས།
多讀、多寫,
མང་པོ་ངེས་ཡས་དེ་དངོས་གནས་ཧ་ཅང་གལ་ཆེན་པོ་རེད།
以及多記,真的十分重要。
ཁ་པ། ད་ག་རང་རེད། ཡིན་ནའང་(ནའི་)ངས་བྱེད་ཡས་འདང་གི་མི་འདུག
乙:正是如此,但是我做得還不夠。
ཀ་པ། དེ་བསམ་བློའི་ནང་ནས་གལ་ཆེན་པོར་བརྩི་དགོས་རེད།
甲:要從思想觀念中,將它視為重要的事,
དཀའ་ངལ་མེད་པ་ཡོད་མ་རེད།
天底下沒有不勞而獲的事。
ཁ་པ། ལགས་སོ། ། ངས་དཀའ་ངལ་ཚང་མ་ཁྱད་བསད་བྱེད་ཀྱི་ཡིན།
乙:是的,我將克服所有的困難。
ཀ་པ། སློབ་སྤྱོད་ཟུང་འབྲེལ་མ་བྱས་ན། རྗེས་ལུས་ཐེབས་ཀྱི་རེད།
甲:沒有學以致用的話,進度將會落後。
དེ་དུས་རང་སོ་སོར་གྱོང་རག་གི་རེད་དཱ།
到時自己將會吃虧。
ཁ་པ། ཐུགས་རྗེ་ཆེ། ངས་ངེས་པར་དུ་སློབ་སྦྱོང་ཡག་པོར་བྱེད་ཀྱི་ཡིན།
乙:謝謝,我必定會好好地學習!

བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社