9 西藏種植什麼農作物?

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ།
法光佛研所 《藏語中級》
སློབ་ཚན་དགུ་པ། 第九課
༼བོད་ལ་ལོ་ཏོག་ག་རེ་འདེབས་ཀྱི་ཡོད་རེད།༽
〈西藏種植什麼農作物?〉
ཀ་བ། སྤོ་བོ་ལགས། སྔོན་མ་བོད་ལ་ལོ་ཏོག་ག་རེ་ག་རེ་འདེབས་ཀྱི་ཡོད་རེད།
甲:大爺!從前西藏都種些什麼農作物?
ཁ་བ། བོད་ལ་ནས་དང་། གྲོ། སྲན་མ།
乙:西藏有種植青稞、小麥、豆子,
ཏིལ་ཅི་དག་འདེབས་ཀྱི་ཡོད་རེད།
還有芝麻…等等。
ཀ་བ། སྣུམ་རྒྱུའི་ལོ་ཏོག་འདེབས་ཀྱི་ཡོད་མ་རེད་པས།
甲:沒有種植油料作物嗎?
ཁ་བ། འདེབས་ཀྱི་ཡོད་རེད།
乙:有種植,
སྣུམ་རྒྱུའི་ལོ་ཏོག་གཙོ་བོ་པད་ཁ་འདེབས་ཀྱི་ཡོད་རེད།
乙:有種植,
སྣུམ་རྒྱུའི་ལོ་ཏོག་གཙོ་བོ་པད་ཁ་འདེབས་ཀྱི་ཡོད་རེད།
甲:西藏沒有出產稻米和玉米嗎?
ཁ་བ། འཐོན་གྱི་ཡོད་རེད།
乙:有出產,
རྫ་ཡུལ་དང་ས་ཁུལ་ཁ་ཤས་ནས་འཐོན་གྱི་ཡོད་རེད།
察隅和某些地方有出產。
རྫ་ཡུལ་གནམ་གཤིས་ཡག་པོ་ཡོད་ཙང་།
因為察隅的氣候很好,
སྟོན་ཐོག་ག་རེ་བཏབ་ཀྱང་(ནའི་)སྐྱེ་གི་ཡོད་རེད།
所以不論種何種莊稼,都能生長。
ཀ་བ། ལྷ་ས་རང་ནས་འབྲས་འཐོན་གྱི་ཡོད་མ་རེད་པས།
甲:拉薩本身沒有出產稻米嗎?
ཁ་བ། ལྷ་ས་རང་ནས་འབྲས་འཐོན་གྱི་ཡོད་མ་རེད།
乙:拉薩本身沒有出產稻米,
ཡིན་ནའང་(ནའི་)དངུལ་ཡོད་ན།
但如果有錢的話,
ཁྲོམ་རྭར་སི་ཁྲོན་དང་། བལ་ཡུལ། རྒྱ་གར།
市場裡有來自四川、尼泊爾、印度,
འབྲུག་ཡུལ། འབྲས་ལྗོངས་བཅས་ནས།
以及不丹、錫金等地,
འཁྱེར་ཡོང་བའི་འབྲས་ཉོ་ཉིང་གང་འདོད་ཡོད་རེད།
所帶來的稻米,可以盡情選購。
ཀ་བ། དགུན་གྲོ་སྔོན་མ་ནས་འདེབས་ཀྱི་ཡོད་རེད་ཡོད་མ་རེད།
甲:在種植冬麥之前,有沒有種植青稞?
ཁ་བ། སྔོན་མ་ནས་འདེབས་ཀྱི་ཡོད་མ་རེད།
乙:以前沒有種植青稞,
རྗེས་ལ་ཚོད་འདེབས་བྱས་ནས་དེང་སང་མང་པོ་སྐྱེ་གི་ཡོད་རེད།
後來在試種成功之後,最近生長很多。
ཀ་བ། དགུན་གྲོ་ཐོན་ཚད་མཐོ་གི་རེད། ནས་ཐོན་ཚད་མཐོ་གི་རེད།
甲:冬麥的產量比較高?還是青稞的產量比較高?
ཁ་བ། དགུན་གྲོ་ཐོན་ཚད་མཐོ་གི་རེད།
甲:冬麥的產量比較高?還是青稞的產量比較高?
ཁ་བ། དགུན་གྲོ་ཐོན་ཚད་མཐོ་གི་རེད།
每一畝田,通常都會生產六、七百斤。
ད་དུང་ས་ཆ་ཡག་སར་རྒྱ་མ་སྟོང་ཕྲག་ལྷག་ཙམ་འཐོན་གྱི་ཡོད་རེད།
好一點的地方,甚至還會生產到一千多斤。
ཀ་བ། བོད་ཀྱི་ཞིང་ལས་འཕེལ་རྒྱས་འགྲོ་ཡས་(ཡག་)མགྱོགས་པོ་རེད་དཱ།
甲:西藏的農業發展得很快速呀!
ཁ་བ། ད་ག་རང་རེད།
乙:正是如此。
ད་དུང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་དང་བསྡུར་ན།
但如果和其他省,以及縣市相比的話。
བོད་ཀྱི་ཞིང་ལས་འཕེལ་རྒྱས་དང་ཐོན་ཚད་སྐྱོ་པོ་རེད།
西藏農業的發展和產量,還是少的可憐。

བོད་ཀྱི་སྐད་ཡིག བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
《西藏語文》 西藏人民出版社
ལྷ་སའི་ཁ་སྐད་ཀློག་དེབ། མི་རིགས་དཔེ་སྐྲུན་ཁང་།
《拉薩口語讀本》 民族出版社