1. 我們的學校

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》 2

སློབ་ཚན་དང་པོ། 第一課
༼ང་ཚོའི་སློབ་གྲྭ།༽《我們的學校》
ངའི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད།
我的名字叫扎西,
འདི་ངའི་སློབ་གྲྭ་ཡིན།
這是我的學校,
ང་སློབ་གྲྭར་འགྲོ་རྒྱུ་ལ་དགའ་པོ་ཡོད།
我很喜歡上學去。
ང་ཚོའི་སློབ་གྲྭ་ལ་འཛིན་གྲྭ་དྲུག་ཡོད།
我們的學校有六個班級,
ང་ཚོའི་སློབ་གྲྭ་ལ་འཛིན་ཁང་བཅུ་ཡོད།
我們的學校有十間教室。
ང་ཚོའི་འཛིན་ཁང་ལ་རྐུབ་ཀྱག་དང་། ཅོག་ཙེ། ནག་པང་བཅས་ཡོད།
我們的教室裡有椅子、桌子,以及黑板。
ང་ཚོའི་སློབ་གྲྭའི་ཉེ་འཁོར་ལ་རྩེད་ཐང་དང་། གསང་སྤྱོད།
我們學校的附近有遊樂場、洗手間、
འཐུང་ཆུ། མེ་ཏོག་གི་ལྡུམ་ར་ཡང་ཡོད།
飲水間,還有花圃。
འཛིན་གྲྭ་བར་གསེང་སྐབས་སུ་ང་ཚོས་རྩེད་ཐང་དུ་རྩེད་མོ་རྩེ་གི་ཡོད།
在課堂中場休息的時間,我們在遊樂場裡玩耍。
སློབ་གྲྭའི་ཁོར་ཡུག་ཏུ་ཤིང་སྡོང་ཆེ་ཆུང་མི་འདྲ་བ་མང་པོ་བཙུགས་ཡོད།
學校的周圍,種植著許多大小不同的樹木。
ང་ཚོ་སློབ་གྲྭར་འགྲོ་སྐབས་སྒྲིག་ཆས་གཙང་མ་གྱོན་གྱི་ཡོད།
我們上學時,穿著乾淨的制服。
ང་ཚོ་སློབ་གྲྭར་དུས་ཐོག་ཏུ་འབྱོར་ཐུབ་ཐབས་བྱེད་ཀྱི་ཡོད།
我們設法能準時到達學校。
ང་ཚོའི་སློབ་གྲྭའི་མདུན་དུ།
在我們學校的前面,
ཕྱག་མཆོད་བྱེད་ཡུལ་མཆོད་རྟེན་ཞིག་ཀྱང་ཡོད།
還有一座供人禮敬朝拜的佛塔。
སློབ་གྲྭའི་རྒྱབ་ལོགས་སུ་རི་ཆུང་ཆུང་ཞིག་ཡོད།
學校的後面,有一座小小的山。
རི་དེའི་རྩེ་ལ་རླུང་རྟ་མང་པོ་བཙུགས་ཡོད།
在那座山頂上,豎立了許多風馬旗。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院