10. 雲和雨

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་བཅུ་པ། 第十課
༼སྤྲིན་པ་དང་ཆར་པ།༽《雲和雨》
ཆུ་རྟག་ཏུ་རྒྱུན་མི་ཆད་པར་འགྱུར་བཞིན་ཡོད།
水總是不斷地在變化,
ཆུ་ཁོལ་དུས་རླངས་པ་ཐོན་གྱི་ཡོད་པ་དེ།
當水沸騰時,會產生水蒸汽,
ཚང་མས་དངོས་སུ་མཐོང་ཐུབ་པ་བཞིན།
那是大家顯而易見的。
དཔྱིད་ཀ་ས་གཞི་དང་རྒྱ་མཚོ་ལ་ཉི་མས་དྲོད་ཀྱིས་ཁྱབ་ཏེ།
同樣的,春天大地和海洋,被太陽的熱力遍滿,
རིམ་པོས་ཚ་པོ་ཆགས་ནས་རླངས་པའི་གཟུགས་སུ་ཐོན།
逐漸升溫,而產生蒸汽的形體。
རླངས་པ་དེ་དག་ཇེ་ཆེར་གྱུར་ནས་སྨུག་པ་འཁྲིགས།
那些蒸汽漸漸擴散後,瀰漫成霧氣。
སྨུག་པ་རླུང་གིས་ཡར་ཁྱེར་ནས་སྤྲིན་གྱི་ཕུང་པོར་གྱུར།
霧被風吹往高處,形成雲團。
སྤྲིན་པའི་ནང་གི་ཆུ་ཡི་ཟིལ་པ་གྲང་མོ་ཆགས་ནས།
雲當中的水珠,在冷卻之後,
རླུང་གིས་ཡུན་རིང་ཁྱེར་མ་ཐུབ་པར་ས་ལ་འབབ་ཡོང་བ་དེ་ཆར་པ་ཞེས་ཟེར་བ་ཡིན།
空氣無法長久負荷,便會降落於地面,其稱之為「雨」。
ཆར་པ་ནི་ཞིང་གི་ལོ་ཏོག་སྐྱེ་བ་ལ་མེད་དུ་མི་རུང་བ་ཞིག་ཡིན།
雨是農田作物生長時,不可或缺的的因素之一。
ས་གཞིའི་སྟེང་གི་རྩི་ཤིང་དང་མེ་ཏོག་ཚང་མ།
大地上所有的植物與花朵,
ཆར་པ་བབས་པ་ལ་བརྟེན་ནས་སྐྱེ་གི་ཡོད།
都要仰賴降雨而生長。
ཆར་ཆུ་དེ་ང་ཚོས་བཏུང་བ་དང་།
雨水無論是在我們飲水、
ཁ་ལག་བཟོ་བྱེད། གོས་འཁྲུད་བྱེད། གཟུགས་པོ་འཁྲུད་བྱེད།
烹調、洗衣、沐浴、
ས་ཆ་རློན་པ་དང་། ཞིང་ཁར་ཆུ་གཏོང་བ།
滋潤土地、灌溉田地,
འཕྲུལ་ཆས་འཁོར་དུ་འཇུག་པ་བཅས་ལ་བེད་སྤྱོད་གཏོང་གི་ཡོད།
以及令機器轉動方面,都會派上用場。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院