11. 洪水和土石流

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་བཅུ་གཅིག་པ། 第十一課
༼ཆུ་ལོག་དང་ས་རུད།༽《洪水和土石流》
ཆར་པས་བར་སྣང་གི་ཐལ་རྡུལ་ཚང་མ་གཙང་མ་བཟོ་བ་མ་ཟད།
雨水不僅能洗淨,天空中所有的塵埃;
ས་གཞིའི་སྟེང་གི་གད་སྙིགས་གཙང་མ་བྱེད་ཀྱི་ཡོད།
還能清淨地表的髒污。
མཁའ་རླུང་གཙང་མར་གྱུར་ན་མི་ཡི་ལུས་ཁམས་བདེ་པོ་ཡོད།
大氣層變得乾淨的話,對人體的健康有益。
སྐབས་རེར་དབྱར་ཁར་ཆར་ཞོད་ཆེ་དྲགས་པའི་རྐྱེན་གྱིས།
有時,夏季會因為雨量過多,
གཙང་པོ་དང་རྒྱུག་ཆུ་རྒྱས་ཏེ།
導致江河和溪水暴漲,
ཆུ་ལོག་དང་ས་རུད་ཀྱི་གནོད་སྐྱོན་འཕྲད་ཀྱི་རེད།
而遭遇洪水和土石流的災害。
རྒྱལ་ཁབ་འགའ་རེ་ལ་ལོ་ལྟར་སྐབས་རེ་ཆར་པ་མ་བབས་ནས།
有些國家在每年乾旱的季節,
འཐུང་ཆུ་མེད་པའི་དཀའ་ངལ་འཕྲད་ཀྱི་རེད།
會遭遇飲水缺乏的困境;
སྐབས་རེ་ཆུ་ལོག་དང་ས་རུད་སོགས་ཀྱི་དབང་གིས།
有時又會因為洪水和土石流的緣故,
མི་བརྒྱ་ཕྲག་མང་པོའི་ཁང་ཁྱིམ་བརླག་པ་དང་།
而導致上百人的房舍毀滅、
ཁོར་ཡུག་ལ་གཏོར་བཤིག་བཏང་བ་རེད།
環境被破壞殆盡,
དུད་འགྲོ་དང་མི་མང་པོ་ཞིག་གི་ཚེ་སྲོག་ལ་གནོད་འཚེ་ཡོང་གི་ཡོད།
對於動物和人類的生命,帶來重大的危害。
ས་རུད་དང་ཆུ་ལོག་མི་ཡོང་བའི་ཐབས་ལམ་གལ་ཆེ་ཤོས་ནི།
防止土石流和洪水,最重要的方法,
ང་ཚོས་ཁོར་ཡུག་ལ་བདག་པོ་རྒྱག་དགོས།
就是我們必須做環境的主宰。
ནགས་ཚལ་གང་བྱུང་མི་གཅོད་པ་དང་།
如果能不任意濫伐森林,
ལྗོན་ཤིང་གསར་འཛུགས་བྱེད་ནུས་ན།
並且重新種植樹木的話,
ཆུ་ལོག་དང་ས་རུད་སོགས་ཀྱི་གནོད་འཚེ་ལས་སྐྱོབ་ཐུབ་པ་ཡིན།
就能拯救我們,免於洪水和土石流的危害。
ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院