12. 對長者尊敬

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་བཅུ་གཉིས་པ། 第十二課
༼ཆེ་བ་ལ་གུས་ཞབས།༽《對長者尊敬》
ང་ཚོས་རང་ལས་ཆེ་བ་རྣམས་ལ་གུས་ཞབས་དང་།
我們必須尊敬比自己年長的人,
ཆུང་བ་རྣམས་ལ་བྱམས་སྐྱོང་བྱེད་དགོས།
並且愛護比自己年幼的人。
ང་ཚོས་ཆེ་བ་རྣམས་ཀྱི་བཀའ་ལ་ཉན་དགོས།
我們應當聽從長輩們的教言,
དགེ་རྒན་རྣམས་ལ་བརྩི་བཀུར་ཞུ་དགོས།
應當對師長們敬重愛戴。
ང་ཚོས་ཕ་མའི་བཀའ་ལ་ཉན་དགོས།
我們必須聽從父母的話,
ཕ་མ་དང་ཆེ་བ་ལ་གུས་ཞབས་བྱས་ན།
如果尊敬父母與長輩的話,
ཡར་རབས་ཀྱི་སྤྱོད་བཟང་ཟེར་གྱི་རེད།
便能稱之為高尚的美德。
རང་ལས་ལོ་ན་ཆེ་བ་རྣམས་ལ་བརྩི་བཀུར་དང་།
必須敬重比自己年長的人,
བླ་མའི་བཀའ་ལ་བརྩི་སྲུང་ཞུ་དགོས།
並且遵循上師的教言。
མ་ཤེས་པ་རྣམས་ནི་དགེ་རྒན་ལ་བཀའ་འདྲི་ཞུ་དགོས།
不懂的地方,必須請教師長。
འཛིན་གྲྭའི་ནང་དགེ་རྒན་རྣམས་མཇལ་སྐབས།
在班上見到師長時,
བཀྲ་ཤིས་བདེ་ལེགས་ཞུ་དགོས།
應當問候吉祥如意。
འཛིན་གྲྭའི་ནང་ལ་རྒན་ལགས་ཕེབས་དུས།
當師長來到班上時,
སློབ་ཕྲུག་རྣམས་ཡར་ལངས་དགོས།
學生們必須起立。
བླ་མའི་བཀའ་ལ་བརྩི་སྲུང་བྱས་ན།
若是遵循上師的教言的話,
ཚེ་འདི་ཕྱི་གཉིས་ཀའི་བསམ་དོན་ཐམས་ཅད་འགྲུབ་པ་ཡིན།
此生與來世所有的心願,皆能成就。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院