14. 幫助有缺陷的人

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་བཅུ་བཞི་པ། 第十四課
༼དབང་པོ་སྐྱོན་ཅན་ལ་རོགས་རམ།༽《幫助有缺陷的人》
ཀུན་བཟང་གི་ཨ་ཁུས་མིག་གིས་མཐོང་མི་ཐུབ།
袞桑的叔叔眼睛看不見,
ཁོང་ལོང་བ་ཞིག་ཡིན།
他是一位盲人。
ངས་ཨ་ཁུའི་ལག་པ་ནས་བཟུང་སྟེ་ལོང་ཁྲིད་བྱེད་ཀྱི་ཡོད།
我會握著叔叔的手,引導他走路。
བསོད་ནམས་ཀྱི་ཨ་ཅག་ཕར་ཚུར་འགྲོ་ཐུབ་ཀྱི་མེད།
索南的姊姊無法來去自如,
མོ་རང་ཞ་བོ་ཞིག་རེད།
她是一位身障者。
མོ་རང་འཁར་བ་ལ་བརྟེན་ནས་ལང་དགོས་རེད།
她必須依靠枴杖才能站立。
མོ་རང་བསོད་ནམས་དང་མཉམ་དུ་འགྲོ་འོང་བྱེད་ཐུབ་ཀྱི་ཡོད།
她可以和索南一起來往行走。
དོན་གྲུབ་ཀྱི་སྤུན་ཆུང་བས་སྐད་ཆ་ཤོད་མི་ཐུབ།
敦珠的弟弟無法言語,
དོན་གྲུབ་ཀྱི་གཅུང་པོ་ངག་ལྐུགས་པ་ཞིག་རེད།
敦珠的弟弟是一位喑啞人士。
ཁོང་གིས་དོན་གྲུབ་དང་མཉམ་དུ་རྩེད་མོ་རྩེ་གི་ཡོད།
他常和敦珠一起玩遊戲。
ཕུན་ཚོགས་ཀྱིས་སྒྲ་གོ་མི་ཐུབ།
平措無法聽見聲音,
ཁོང་འོན་པ་ཞིག་ཡིན།
他是一位聽障人士。
ཁོང་གིས་ལག་བརྡ་ལ་བརྟེན་ནས།
他能依靠手語,
མི་གཞན་དག་གི་སྐད་ཆ་གོ་ཐུབ་ཀྱི་ཡོད།
聽懂別人的話語。
ང་ཚོས་དབང་སྐྱོན་ཅན་ལ་མཐུང་ཆུང་བྱེད་མི་ཐུབ།
我們不能輕視有缺陷的人。
ང་ཚོས་ཉམ་ཆུང་ལ་སྲུང་སྐྱོང་བྱེད་དགོས།
我們必須保護弱小的人,
ང་ཚོས་སྐྱབས་མེད་མགོན་མེད་ལ་རོགས་རམ་བྱེད་དགོས་རེད།
我們應當幫助無依無靠的人。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院