15. 社會和寺院之間的關係

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་བཅོ་ལྔ་པ། 第十五課
༼སྤྱི་ཚོགས་དང་དགོན་པའི་བར་གྱི་འབྲེལ་བ།༽《社會和寺院之間的關係》
མི་རིགས་ཀྱི་སྤྱི་ཚོགས་ནི།
人類的社會,
མི་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
是在人與人彼此互相依賴之下,而產生的。
སྤྱི་ཚོགས་ནང་མི་རྣམས་གྲོང་སྡེའམ་ས་གནས་གཅིག་ཏུ་སྡོད་ཀྱི་ཡོད།
在社會中,人們會居住在同一個村落或地區。
གཅིག་ཕན་གཅིག་གྲོགས་ཀྱི་སྒོ་ནས།
透過相輔相成、互利互助的方式,
འཚོ་བ་མཉམ་དུ་སྐྱེལ་གྱི་ཡོད།
一起生活度日。
དཔེར་ན་ཚོང་པ་ཞིག་ལ་རྒྱན་ཆ་དགོས་ན།
例如:如果有位商人需要飾品的話,
མགར་བ་ཞིག་གི་སར་འགྲོ་དགོས།
就必須去鐵匠的店鋪。
ཁྱིམ་ཚང་ཞིག་གིས་ཞབས་བརྟན་སྒྲུབ་དགོས་ཚེ།
當一個家庭需要念經修法的時候,
དགོན་པ་ནས་གྲྭ་པ་གདན་འདྲེན་ཞུ་དགོས་རེད།
就必須從寺院中,迎請僧人。
དགོན་པ་ནི་རྒྱུ་མཚན་མང་པོ་ཞིག་གི་ཐད་ནས།
寺院雖然從很多理由來說,
མི་སྐྱའི་སྤྱི་ཚོགས་དང་ཐ་དད་ཡིན་མོད།
應該和俗家的社會不同;
མི་སྐྱའི་སྤྱི་ཚོགས་དང་གཏན་ནས་འབྲེལ་མེད་ཁ་བྲལ་དུ་ཡང་གནས་མི་ཐུབ།
然而卻無法與俗家的社會毫無關連,隔離而安住。
དཔེར་ན་དགོན་པ་ལ་མར་དང་ཕྱུར་བ་དགོས་ཚེ།
例如:當寺院需要酥油和乾酪的時候,
འབྲོག་པ་དང་ཚོང་པ་ལ་འབྲེལ་བ་བྱེད་དགོས་པ་དང་།
就必須和牧民與商人交涉聯繫。
གྲྭ་ཚང་གི་དོན་དུ་ན་བཟའ་ཞིག་འཚེམ་དགོས་ན།
為了僧舍,而需要縫製衣服的話,
ཡང་འཚེམ་བཟོ་བ་དང་འབྲེལ་བ་བྱེད་དགོས།
也必須和裁縫師聯繫。
དེ་བཞིན་མི་སྐྱ་ཞིག་གིས་ཆོས་ཉན་པ་དང་།
同樣的,一位在家人需要聽法,
སྐུ་གསུང་ཐུགས་རྟེན་ལ་རབ་གནས་ཞུ་བ།
以及為佛像、佛經、佛塔開光,
དབང་ཞུ་བ་སོགས་ཆོས་ཕྱོགས་ཀྱི་ལས་དོན་སྒྲུབ་དགོས་ཚེ།
還有請求灌頂…等等,成辦宗教方面的事情時,
དགོན་པ་ཞིག་ལ་འབྲེལ་བ་བྱེད་དགོས་རེད།
就必須和一間寺院聯繫。
མདོར་ན་ཆོས་ཐམས་ཅད་ཡང་ཕན་ཚུན་གཅིག་གིས་གཅིག་ལ།
總而言之,一切法彼此之間也是息息相關,
རྟེན་ཅིང་འབྲེལ་བར་བྱུང་བ་ཤ་སྟག་ཡིན།
都是互相觀待依賴,緣起而生。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院