2. 我們的班級和老師

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所《藏語中級》 2

སློབ་ཚན་གཉིས་པ། 第二課
༼ང་ཚོའི་འཛིན་གྲྭ་དང་དགེ་རྒན།༽
《我們的班級和老師》

ང་ཚོའི་སློབ་གྲྭའི་ནང་ལ་འཛིན་གྲྭ་དང་འཛིན་ཁང་མང་པོ་ཡོད།
我們的學校裡,有許多班級與教室。
འཛིན་ཁང་རེ་རེའི་ནང་ལ་ཅོག་ཙེ་དང་རྐུབ་ཀྱག་ཡོད།
每個教室裡面,都有桌子和椅子。
འཛིན་ཁང་རེ་རེའི་ནང་ལ་ནག་པང་རེའང་ཡོད།
每個教室裡面,也都有一個黑板。
རྒན་ལགས་ཀྱིས་ནག་པང་གི་སྟེང་དུ་ས་སྨྱུག་གིས་ཡི་གེ་འབྲི་གི་ཡོད།
老師在黑板上面,用粉筆來寫字。
འཛིན་ཁང་རེ་རེའི་ནང་ལ་སྒེའུ་ཁུང་གཉིས་རེ་ཡོད།
每個教室裡,都有兩扇窗戶,
སྒེའུ་ཁུང་དེ་དག་གི་ནང་ནས་རླུང་གཙང་མ་ཡོང་གི་རེད།
從那些窗戶裡,吹來乾淨的風。
འཛིན་ཁང་གི་ཕྱི་ལོགས་སུ་གད་སྙིགས་བླུགས་སྣོད་རེ་བཞག་ཡོད།
每個教室外面,都擺放著一個垃圾桶。
ང་ཚོས་འཛིན་ཁང་གཙང་མ་ཉར་གྱི་ཡོད།
我們經常維持教室的整潔,
འཛིན་ཁང་གཙང་མ་མ་ཉར་ན།
如果沒有維持教室整潔的話,
དགེ་རྒན་གྱིས་བཀའ་བཀྱོན་གནང་གི་ཡོད།
老師就會訓誡我們。
ང་ཚོའི་སློབ་གྲྭའི་ནང་ལ་དགེ་རྒན་བཞི་ཡོད།
我們學校裡有四位老師,
དགེ་རྒན་ཚོས་ང་ཚོར་བྱམས་སྐྱོང་གནང་གི་ཡོད།
老師慈愛守護著我們,
དགེ་རྒན་རྣམས་ནི་ང་ཚོའི་ཕ་མ་དང་འདྲ་བ་ཡིན།
老師們就如同我們的父母一樣。
དགེ་རྒན་རྣམས་ཀྱིས་ང་ཚོ་ལ་ཡི་གེ་འབྲི་སྟངས་དང་ཀློག་སྟངས།
老師們教導我們如何寫字、讀書,
སྐད་ཆ་ཤོད་སྟངས་སོགས་ཡ་རབས་ཀྱི་ཀུན་སྤྱོད་ཚང་མ་སློབ་ཀྱི་ཡོད།
以及說話等等,所有高尚的行為。
ང་ཚོས་ཀྱང་དགེ་རྒན་ལ་གུས་ཞབས་དང་བརྩི་བཀུར་ཞུ་གི་ཡོད།
我們對老師也非常尊敬與愛戴。
ང་ཚོའི་སློབ་གྲྭའི་སྒྲིགས་ལམ་ཀུན་སྤྱོད་སོགས་ཚང་མ་ཡག་པོ་ཡོད་ཙང་།
我們學校的紀律行為等,全都非常良好,
ཚང་མས་ང་ཚོའི་སློབ་གྲྭར་དགའ་པོ་བྱེད་ཀྱི་ཡོད།
所以大家都很喜歡我們的學校。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院