3. 太陽與陰影

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》 2
སློབ་ཚན་གསུམ་པ། 第三課
༼ ཉི་མ་དང་གྲིབ་ནག ༽《太陽與陰影》
ཞོགས་པ་ཉི་མ་ཤར་ནས་ཤར་གྱི་ཡོད།
早晨太陽由東方升起,
དགོང་མོ་ཉི་མ་ནུབ་ནས་ཡིབ་ཀྱི་རེད།
傍晚太陽由西方隱沒。
ཉི་མ་ལ་དྲོད་དང་འོད་ཟེར་ཆེན་པོ་ཡོད།
太陽有強烈的溫度與光芒。
ཉི་མ་ཉིན་མོ་མ་གཏོགས་མཚན་མོ་ལ་མཐོང་གི་མ་རེད།
除了在白天,夜晚時看不到太陽。
ཉི་མ་ནི་འཛམ་གླིང་ལས་ཤིན་ཏུ་ཆེ་བ་རེེད།
太陽比起我們的世界來,還要大很多。
ཉི་མ་དང་འཛམ་གླིང་གཉིས་དཔེ་ཞིག་གི་སྒོ་ནས་ཆེ་ཆུང་བསྡུར་ན།
太陽比起我們的世界來,還要大很多。
ཉི་མ་དང་འཛམ་གླིང་གིཉས་དཔེ་ཞིག་གི་སྒོ་ནས་ཆེ་ཆུང་བསྡུར་ན།
太陽呢,就必須比喻像足球一般,
འཛམ་གླིང་ནི་སྲན་མའི་རིལ་བུ་ཙམ་ཡོད་པར་ཆ་བཞག་དགོས།
而我們的世界呢,就必須比喻成豆子一般。
ཉི་མ་ལ་འོད་ཟེར་ཆེན་པོ་ཡོད་ཙང་མིག་གིས་ཐད་ཀར་བལྟ་མི་ཐུབ་པ་ཡིན།
因為太陽有強烈的光芒,所以眼睛無法直視。
ཉི་མའི་འོད་ལ་བརྟེན་ནས་རང་ཉིད་འགྲོ་སའི་ལམ་དང་།
依靠太陽的光芒,我們自己行走的路,
ཅ་ལག་རྣམས་གསལ་པོར་མཐོང་ཐུབ།
以及很多東西,都能清楚看見。
དངོས་པོ་མཐོང་བ་ལ་ཉི་མའི་འོད་ནི་མེད་དུ་མི་རུང་བ་ཞིག་ཡིན།
關於看見事物,陽光是不可或缺的。
འོད་ཀྱི་འབྱུང་ཁུངས་ལ། ཉི་མ་དང་། མེ། གློག་བཅས་ཡོད།
光的來源,包括太陽、火,以及雷電,
དེའི་ནང་ནས་ཉི་མ་ནི་གཙོ་བོ་ཡིན།
其中以太陽為主。
གྲིབ་ནག་ནི་ཉི་མ་དང་ཟླ་བ་དང་གློག་སོགས་ཀྱི་འོད་ལ་བརྟེན་ནས་བྱུང་བ་ཡིན།
而陰影呢,則是依靠太陽、月亮,以及雷電…等等的光而產生。
གྲིབ་མ་ནི་བསིལ་བའི་རང་བཞིན་ཅན་ཡིན།
影子本身具有清涼的自性。
དབྱར་ཁ་ཚ་བ་ཡོད་པའི་ལུང་པ་ལ།
夏天在炎熱地方,
མི་རྣམས་ཤིང་སྡོང་གི་གྲིབ་མའི་འོག་ཏུ་སྡོད་ཀྱི་རེད།
人們都會待在樹蔭底下。
གྲིབ་མའི་དབྱིབས་གཟུགས་ཀྱི་ཆེ་ཆུང་ཆ་ཚད་ནི།
至於影子形體的大小比例,
ཞོགས་པ་དང་དགོང་མོར་རིང་བ་དང་ཉིན་གུང་ཐུང་དུ་འགྲོ་བ་ཡིན།
早晨和傍晚時會比較長,而中午則會變得比較短。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院