6. 我們周遭的空氣

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་དྲུག་པ། 第六課
༼ང་ཚོའི་མཐའ་སྐོར་གྱི་རླུང་།༽《我們周遭的空氣》
རླུང་ནི་འབྱུང་བ་བཞིའི་ནང་ནས་གཅིག་ཡིན།
空氣是四大元素之一,
དེ་འཛམ་གླིང་ཡོངས་ལ་ཁྱབ་ཡོད།
它遍布於整個世界。
རླུང་མེད་ན་སྲོག་ཆགས་འཚོ་མི་ཐུབ།
沒有空氣的話,生物無法生存。
རླུང་ལ་ཚོན་མདོག་མེད།
空氣沒有顏色,
རླུང་ལ་གཟུགས་ཀྱང་མེད།
空氣也沒有形體。
རླུང་ལས་ཤུགས་ཆེ་བ་སུ་ཡང་མེད།
沒有誰比空氣的力氣更大,
མཚམས་རེར་རླུང་ཤུགས་ཆེན་པོ་བརྒྱག་གི་རེད།
偶爾,空氣會產生很大的力量,
དེ་དུས་ཤིང་སྡོང་ཡང་འགྱེལ་གྱི་རེད།
那時,連樹木都會傾倒。
རླུང་ལ་གཤོག་པ་མེད།
空氣沒有翅膀,
འོན་ཀྱང་རླུང་ལས་མགྱོགས་པ་སུ་ཡང་མེད།
然而,誰都不會比空氣的速度更快。
མེ་འབར་བ་ལ་རླུང་དགོས།
火燃燒需要空氣,
རྩི་ཤིང་མེ་ཏོག་རྣམས་ཀྱང་རྒྱས་པ་ལ་རླུང་གིས་གྲོགས་བྱེད།
火燃燒需要空氣,
རྩི་ཤིང་མེ་ཏོག་རྣམས་ཀྱང་རྒྱས་པ་ལ་རླུང་གིས་གྲོགས་བྱེད།
空氣也稱之為「風」。
གོང་དུ་སྦྱངས་ཟིན་པའི་སློབ་ཚན་ལ་བསྐྱར་ཞིབ་གྱིས།
請複習上述練習過的課程:
རླུང་ནི་ཕྱོགས་གང་སར་ཁྱབ་ཡོད།
空氣遍布於任何地方。
རླུང་ནི་ང་ཚོས་མིག་གིས་མཐོང་མི་ཐུབ།
空氣我們肉眼無法看見。
རླུང་ནི་སྲོག་ལྡན་དང་སྲོག་མེད་གཉིས་ཀ་ལ་ཡོད།
空氣存在於生物和無生物二者當中。
རླུང་མེད་ན་མེ་འབར་མི་ཐུབ།
若無空氣的話,火便無法燃燒。
ང་ཚོར་རླུང་མེད་ན་འཚོ་མི་ཐུབ།
我們沒有空氣的話,便無法生存。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院