7. 地球和太陽

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་བདུན་པ། 第七課
༼སའི་གོ་ལ་དང་ཉི་མ།༽《地球和太陽》
འཛམ་བུ་གླིང་འདིའི་དབྱིབས་ནི་ཟླུམ་པོ་ཡིན།
這個世界的形狀是圓形,
དེ་ལ་སའི་གོ་ལ་ཞེས་ཀྱང་བརྗོད་ཀྱི་ཡོད།
我們也稱之為「地球」。
འཛམ་བུ་གླིང་འདི་ཧ་ཅང་རྒྱ་ཆེན་པོ་ཡིན་པར་བརྟེན།
我們也稱之為「地球」。
འཛམ་བུ་གླིང་འདི་ཧ་ཅང་རྒྱ་ཆེན་པོ་ཡིན་པར་བརྟེན།
所以很難知道它的樣子是圓的。
དཔེར་ན། ཁྱེད་རང་གྲོང་ཁྱེར་ཞིག་གི་ནང་ལ་ཕྱིན་ན།
例如,當你進入一座城市的話,
གྲོང་ཁྱེར་དེའི་ས་ཆ་རྒྱ་ཆེ་ཆུང་ཇི་ཙམ་ཡོད་མེད་ཤེས་ཁག་པོ་རེད།
便很難知道,那座城市的土地範圍有若干大小。
འོན་ཀྱང་རི་ཞིག་གི་རྩེ་ནས་བལྟས་ན།
然而,一旦從山頂俯瞰的話,
གྲོང་ཁྱེར་དེའི་རྒྱ་ཁྱོན་ཤེས་ཐུབ་པ་བཞིན།
便能夠知道那座城市的範圍。
འཛམ་བུ་གླིང་གི་དབྱིབས་དེ་ཡང་ཐག་རིང་པོ་ནས་བལྟས་ན།
同樣的世界的形狀,如果從遠處遙望的話,
དབྱིབས་ཟླུམ་པོ་ཡིན་པར་ཤེས་ཐུབ།
便能知道形狀是圓的。
ཟླ་བའི་སྟེང་དུ་འགྲོ་མཁན་ཚོས་འཛམ་གླིང་ལ་བལྟ་དུས།
登陸月球的太空人們,在遙望地球時,
འཛམ་གླིང་དེའི་བཟོ་ལྟ་སྤོ་ལོ་ལྟ་བུ་ཆུང་ཆུང་ཞིག་ལས་མཐོང་གི་མ་རེད།
就只能看見世界的樣子,如同一顆小小的球。
ང་ཚོས་འཛམ་བུ་གླིང་གི་ས་ཁྲ་ཞིག་ལ་བལྟས་ན།
如果我們查看一張世界地圖的話,
འཛམ་གླིང་གི་ས་ཁྱོན་མང་ཆེ་བ་ཆུས་ཁྱབ་པར་མཐོང་ཐུབ།
就能看見世界的面積,大多都被水覆蓋。
འཛམ་གླིང་གི་ས་ཁྱོན་དུམ་བུ་བཞི་ལ་བགོས་ན།
如果將世界的面積,分成四份的話,
དུམ་བུ་གསུམ་ཆུས་ཁྱབ་ཡོད།
其中有三份被水覆蓋著。
འཛམ་གླིང་གི་ས་ཡིས་ཁྱབ་པའི་རྒྱ་ཁྱོན་ནི།
世界被土地覆蓋的範圍,
བཞི་ཆ་གཅིག་ལས་མེད།
只佔了四分之一。
ཉི་མ་ནི་འཛམ་གླིང་ལས་ཧ་ཅང་ཆེ་བ་རེད།
太陽比世界大很多,
ཉི་མ་ནི་འཛམ་གླིང་ལས་ཤིན་ཏུ་ཐག་རིང་པོར་གནས་ཡོད་པས།
因為太陽位於,距離世界很遠的地方,
འཛམ་གླིང་ནས་བལྟས་པའི་སྐབས།
因此,從地球遙望的時候,
ཉི་མ་ཆུང་ཆུང་ཞིག་ཏུ་མཐོང་བ་ཡིན།
只能看見一顆小小的太陽。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院