8. 家畜和動物

ཆོས་སྣང་ནང་ཆོས་སློབ་གྲྭ། བོད་ཡིག་འབྲིང་རིམ། ༢
法光佛研所 《藏語中級》2
སློབ་ཚན་བརྒྱད་པ། 第八課
༼སྒོ་ཕྱུགས་དང་དུད་འགྲོ།༽《家畜和動物》
ང་ཚོའི་ལུང་པ་ལ་དུད་འགྲོའི་རིགས་མང་པོ་མཐོང་རྒྱུ་ཡོད།
在我們的家鄉裡,可以看見很多種動物。
དུད་འགྲོའི་རིགས་ལ་གཡག འབྲི།
動物的種類有:公氂牛、母氂牛、
མཛོ། མཛོ་མོ། གླང་། བ་ཕྱུགས། མ་ཧེ།
公犏牛、母犏牛、公黃牛、母黃牛、水牛、
ར། ལུག རྟ། བོང་བུ། དྲེའུ།
山羊、綿羊、馬、驢子、騾子、
ཁྱི་དང་ཕག་པ་ཅི་དག་ཡོད།
狗,還有豬等等。
དུད་འགྲོ་མང་ཆེ་བ་རྐང་ལག་ས་ལ་བཙུགས་ནས་འགྲོ་གི་ཡོད།
大多數的動物,都是手腳站立於地而行走。
དུད་འགྲོ་ཕལ་ཆེ་བ་ལ་རྔ་མ་ཡོད།
動物大部分都有尾巴。
དུད་འགྲོ་ཁ་ཤས་ཆེན་པོ་དང་ཁ་ཤས་ཆུང་ཆུང་ཡོད།
動物有些體型很大,有些體型很小。
གཡག་ནི་ཕོ་རེད། འབྲི་ནི་མོ་རེད།
公氂牛是雄性的,母氂牛是雌性的。
མཛོ་ནི་ཕོ་རེད། མཛོ་མོ་ནི་མོ་རེད།
公犏牛是雄性的,母犏牛是雌性的。
གླང་ནི་ཕོ་རེད། བ་ཕྱུགས་ནི་མོ་རེད།
公黃牛是雄性的,母黃牛是雌性的。
བ་ཕྱུགས་དང་མ་ཧེས་འོ་མ་སྤྲོད་ཀྱི་ཡོད།
母黃牛和水牛提供牛奶,
ལུག་གིས་བལ་སྤྲོད་ཀྱི་ཡོད།
綿羊則提供羊毛。
ར་ནི་མང་ཆེ་བ་ནག་པོ་དང་། ཁ་ཤས་དཀར་པོ་ཡང་ཡོད།
山羊大多數是黑色的,也有部分是白色的。
རྟ་ཡང་ཧི་མཱ་ལ་ཡའི་མི་རིགས་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད།
馬對於喜馬拉雅民族的人們,也有很大的助益。
ང་ཚོས་བོང་བུ་ནི་ཅ་ལག་སྐྱེལ་འདྲེན་གྱི་ཆེད་དུ་གསོ་སྐྱོང་བྱེད་ཀྱི་ཡོད།
我們為了搬運物品的緣故,而飼養驢子。

ནེ་པཱལ་གཞུང། ཤེས་རིག་ལྷན་ཁང་།
尼泊爾公立 智慧聯合學院